AroundMaps Logo
Search
Add Listing

Sha-Kothakha Rinchenling Buddhist Institute. Mini Shangri-la

0

About Sha-Kothakha Rinchenling Buddhist Institute. Mini Shangri-la

A prominence Buddhist institute in Bhutan for the studies of higher Buddhist philosophy and logic

Tags

Map

Item Reviews - 8

Anynomous

"

བཀྲ་ཤིས་པའི་གསོ་སྦྱོང་། ༦/༩/༡༩

"

05 September 2023

Anynomous

"

Update: New Guru Thongdrel at Shedra

H.E Chabje Dorji Lopen Rinpoche of Central Monastic Body, H.E Yanglop Kudrap Rinpoche and most Ven. Khenchen Sangay Khandro Rinpoche , the principal of the Institute of Mind and Science has graced the consecration ceremony of the newly established Guru Rinpoche Thongdrel at Shedra this morning.

"

11 June 2023

Anynomous

"

༊ ད་རིས་དབྱིན་ཟླ་ ༢ པའི་དབྱིན་ཚེས་ ༢༡ ཀྱི་ཉིནམ་འདི་དཔལ་ལྡན་འབྲུག་གི་སྤྱི་ནོར་དམ་པ་མི་དབང་མངའ་བདག་རིན་པོ་ཆེ་དཔལ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་སྐུ་འཁྲུངས་པའི་ཉིནམ་ཨིནམ་ལས་ ང་བཅས་རིང་ཆེན་གླིང་མཐོ་རིམ་བཤད་གྲྭ་གི་བླ་སློབ་ཡོངས་ཀྱིས་ དད་པ་དམ་ཚིག་འགྱུར་བ་མེད་པ་སེམས་ཀྱི་གདིང་ལས་རང་འཁྲུངས་སྐར་ལུ་བཀྲིས་བདེ་ལེགས་ཞུ་ནི་དང་འབྲེལ། མི་དབང་མངའ་བདག་རིན་པོ་ཆེ་མཆོག་སྐུ་ཚེ་ཞབས་པད་ཡུན་རིང་བརྟན་ཏེ་དཔལ་ལྡན་འབྲུག་པའི་རྒྱལ་ཁབ་ནང་བདེ་སྐྱིད་ཀྱི་ཉི་མ་བསྐལ་པ་མ་སྟོང་གི་བར་དུ་ཤར་བཅུག་ཟེར་བའི་བཀྲ...་ཤིས་སྨོན་ལམ་གྲངས་མེད་ཕུལཝ་ཨིན་ལགས།🙏

21/02, On the joyous occasion of His Majesty the King Jigme Khesar Namgyel Wangchuk’s 39th birth anniversary, we the teachers and students of Rinchenling Buddhist Monastery join the nation in offering our heartfelt gratitude, deepest respects and prayers for His Majesty’s prosperous life. We the people of Bhutan are blessed to be born in this beautiful country under the reign of our benevolent Monarchs. Happy Birthday La your Majesty. 🙏

See More "

20 February 2023

Anynomous

"

We the Sangha community of Sha Kothakha Rinchenling Buddhist Institute wishes you a happy blessed Rainy Day. May you blessed with everlasting peace and happiness in your life.

"

22 September 2023

Anynomous

"

དགག་དབྱེ་དང་ལྗོངས་རྒྱུ།

"

10 September 2023

Anynomous

"

རང་ལུགས་གནམ་ལོ་ས་ཕོ་ཁྱི་ལོ་རང་་ཟླ་༧་པའི་ཚེས་༢༩་ དབྱིན་ཟླ་༩་པའི་དབྱིན་ཚེས་༨་ཀྱི་ཉིནམ་ལུ་ སངས་རྒྱས་གཉིས་པ་ རྒྱལ་དབང་ཀློང་ཆེན་རབ་འབྱམས་ཀྱི་གདན་ས་ གླིང་༨་གྲགས་ཏེ་ཡོད་པའི་ནང་གསེས་ དབང་འདུས་རྫོང་ཁག་ སྦྱེད་ན་རྒེད་འོག་ ཤར་མཁོ་ཐང་ཁ་ རིན་ཆེན་གླིང་ མཐོ་རིམ་བཤད་གྲྭ་འདི་ནང་ལུ་ བདག་ཅག་གི་སྟོན་པ་ཤཱཀྱ་་ཐུབ་པའི་བཀའ་ལྟར་དུ་འབད་ ལོ་བསྟར་བཞིན་དུ་ ཟླ་ངོ་༡་དང་ཞག་༡༥་གི་རིང་ལུ་ འདུལ་བ་གཞི་གསུམ་གྱི་ཡ་གྱལ་ དབྱར་གནས་ཀྱི་གཞི་ཚོགས་པའི་སྐབས་་ རྐྱེན་དང་བར་ཆད་ཚུ་ག་ནི་ཡང་མ་བྱུང་བར་ མཇུག་བསྡུ་བའི་དགའ་སྟོན་རྟ...ེན་འབྲེལ་དང་འབྲེལ་ བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པ་གི་ཞལ་ལས་ མཚན་ཐོག་མཐའ་ཏུ་ཆོས་འཆད་ཉན་གྱི་དུས་འདའ་བར་བྱའོ།། ཞེས་གསུངས་དོཝ་བཟུམ་སྦེ་ དམ་པའི་ཆོས་ཀྱི་འཁོར་ལོ་སྐོར་བའི་་དུས་བཟང་འདི་ནང་ལུ་ སྐུ་མགྲོན་གཙོ་བོ་ གཞུང་གྲྭ་ཚང་གི་ (ཀརྨ་ཨ་ཙརྱ་)ལས་ཚོགས་སློབ་དཔོན་ སྐུ་འགྲེསཔ་ ངག་དབང་ཡཻས་རིན་ཆེན་མཆོག་དང་། གཞུང་གྲྭ་ཚང་གི་དགེ་ཚོགས་སློབ་དཔོན་ཀུན་དགའ་རྣམ་གཉིས་ཀྱིས་གཙོས་པའི་ འདི་ཁའི་འཕགས་པའི་དགེ་འདུན་པ་རྣམས་དང་། དབང་འདུས་རྫོང་ཁག་གི་ རྫོང་བདག་དང་། རྫོང་རབ། དྲག་སྡེའི་འགོ་དཔོན་རྣམས་དང་། གཞན་ཡང་སྟོང་ཕོད་ཅན་གྱི་དབྱར་གནས་ཀྱི་སྦྱིན་བདག་རྣམས་དང་། མཁོ་ཐང་བདེ་ལེགས་༣་གྱི་དད་ཅན་གྱི་ སྐྱ་སེར་ ཕོ་མོ་ཡོངས་ ལྷན་འཛོམས་ཀྱི་ཐོག་ལས་ མཆད་རྩོད་རྩོམ་གསུམ་གྱི་ བྱ་བ་ལེགས་ཤོམ་སྦེ་སྒྲུབ་ཡོད་པའི་མཐོང་སྣང་ རྗེས་དྲན་གྱི་ཚུལ་ལུ་ཕུལ་བ་དགེའོ།། །།

See More "

08 September 2023

Anynomous

"

དེ་རིང་གཟའ་སྐར་ཐམས་ཅད་ལེགས་ཤིང་དགེ་བའི་ཉིན་མོར། མཁས་གྲུབ་བྱེ་བའི་གཙུག་རྒྱན་དམ་པ་ལེགས་ཚོགས་སློབ་དཔོན་རིན་པོ་ཆེ་སྐུ་བགྲེས་ངག་དབང་ཡེ་ཤེས་རིན་ཆེན་མཆོག་གིས་སྐྱབས་རྗེ་སེང་བྲག་རིན་པོ་ཆེའི་ཡང་སྲིད་སྤྲུལ་སྐུ་འཇིགས་མེད་མི་ཕམ་བློ་གྲོས་དཔལ་བཟང་མཆོག་གིས་དབུ་གཙོས་པའི་བཙུན་པ་བཅུ་ཕྲག་བཞི་དང་ཉ་མ་གཉིས་ལྷག་ཙམ་ཞིག་ལ་ལུས་ངག་གི་ཉེས་པ་ཙམ་སྤོང་བར་བྱེད་པའི་སོ་ཐར་གྱི་སྡོམ་པ་ལས་དགེ་ཚུལ་གྱི་སྡོམ་པ་བཀའ་དྲིན་དུ་སྩོལ་གནང་ཡོད་པའི་སྐུ་བརྙན་འགའ་ཞིག་ལགས་སོ།། ,“ཡང་དག་བླངས་པས་སྡོམ་པའི་ཚུལ་ཁྲིམས་དང་།། ཕྱིན་དྲུག་ལམ་གྱི་དགེ་ཆོས་སྡུད་པ་དང་།། འདུ་བ་རྣམ་བཞིས་སེམས་ཅན་དོན་བྱེད་པས།། ཚུལ་ཁྲིམས་རྣམ་གསུམ་ཉམས་པ་མེད་པར་ཤོག།”དགེའོ།།

"

22 July 2023

Anynomous

"

༄༅།། རིན་གླིང་ཆོས་སྡེའི་བསྔགས་བརྗོད་དཔྱིད་ཀྱི་དཔལ་ཡོན།༽

ས་གསུམ་ཁྱོན་ན་མཚུངས་མེད་ལྷ་གཅིག་སྔགས་འཆང་མཧཱ་གུ་རུ་དང་།། མཁས་གྲུབ་འབུམ་གྱི་གཙུག་གི་ནོར་བུ་ཀུན་མཁྱེན་ཀློང་ཆེན་བསོད་ནམས་འོད།། ཡེ་ཤེས་མཚན་གྱི་ཅོད་པཎ་གསོལ་ཞིང་ད་ལྟ་ཚོགས་བཞེས་མགོན་པོ་སོགས།།... རིན་ཆེན་གླིང་འདིར་ཞབས་པད་བཀོད་ནས་མཛད་འཕྲིན་ཁྱབ་བརྡལ་མགོན་རྣམས་མཆོད།

ནམ་མཁའ་སྔོན་པོས་བླ་བྲེ་ཕུབ་པའི་འོག་རོལ་ན།། སྤྲིན་པ་དཀར་པོས་དར་ཡོལ་དཔྱངས་པའི་ཕྱོགས་གཅིག་ནང་།། ལོ་འདབ་སྣུམ་པའི་ལྗོན་པས་མཐའ་བསྐོར་ནང་ཤེད་ན།། དགའ་ལྡན་ཕོ་བྲང་སྐལ་བཟང་མཁས་པའི་འབྱུང་གནས་ཆགས།།

འདོད་དགུའི་ཆ་རྐྱེན་འབྱོར་ལྡན་ཀླུ་ཡི་ཡུལ་དང་འགྲན།། གཡུ་ལོའི་སྤང་དུ་མཚར་སྡུག་མེ་ཏོག་སྣ་བརྒྱ་བཀྲ།། རིན་ཆེན་ལས་ཀྱང་རིན་ཐང་ལྷག་པའི་ཆོས་སྡེ་ཆེ།། གླིང་བཞིའི་རྒྱན་ཆ་ཉི་མ་བཞིན་དུ་གཟི་མདངས་བཀྲ།།

སྔོ་ལྗང་ནིའུ་གསིང་ལང་ཚོ་བདོ་བའི་ནོར་འཛིན་མར།། དྲི་ཞིམ་འདབ་བརྒྱས་དཔྱིད་ཀྱི་ཕུན་ཚོགས་དགུང་དང་འཕྱུར།། སུམ་རྩེན་ཕོ་བྲང་མཛེས་སྡུག་བཀོད་པའང་སྐྱེངས་བྱེད་པའི།། སྐལ་བཟང་མཚན་གྱི་གཟི་འོད་འཕྲོ་བ་རིན་ཆེན་གླིང་།།

གསུམ་ཐོགས་ཅན་གྱི་ལྷ་ཁང་ནང་ཤེད་བྱིན་ཆགས་སྐུ།། ཕྱག་མཆོད་མཎ་ཌལ་འབུལ་བའི་རྟེན་བཟང་མཐའ་ཡས་པ།། ཆུ་བུར་མིག་གིས་མཇལ་བའི་མོད་ལ་སེམས་ཀྱི་ཀློང་།། བདེ་ཆེན་ཞིང་དུ་ཕྱིན་ནམ་སྙམ་པའི་དགའ་སྣང་བརྟས།།

འབྱུང་འགྱུར་བསྟན་འཛིན་བློ་གསལ་ངང་པ་བརྒྱ་ཕྲག་ལ།། མཁས་གྲུབ་དུ་མས་ལུང་རིགས་རིན་ཆེན་རྒྱན་མཚར་པོ།། ཉིན་མཚན་ཁོར་མོར་རྣ་ལུང་དཔྱོང་བའི་ཕྲིན་བཟང་མཇལ།། རྩ་གསུམ་ལྷ་ཡང་བསྔགས་བརྗོད་མི་འཆོར་རང་དབང་ཅི།།

དཀའ་སྡུག་བྲག་རི་ཇི་ལྟར་འགྲིལ་ཡང་ཐུགས་མ་ཞུམ།། བསྟན་ལ་ཤ་ཞེན་གཏོས་ཆེ་ལྷག་བསམ་སྟོན་ཟླ་ཅན།། མཁན་སློབ་རྣམ་པས་ལས་སྨོན་འབྲེལ་ཟབ་འཁོར་རྣམས་ལ།། བརྩེ་ཆེན་ཕྱག་གིས་སྲུང་ཞིང་སྐྱོང་བའི་ཚུལ་འདི་རྨད།།

མདོ་སྔགས་ཀུན་གྱི་བདག་པོ་མཁས་གྲུབ་དབང་པོ་དང་།། འཆད་རྩོད་རྩོམ་པར་ཟླ་མེད་མཁས་པའི་ཕུལ་དང་གཙོ།། བསྟན་པར་གཅེས་སྤྲས་མེས་པོ་བསྟན་འཛིན་སྐྱེས་མཆོག་སྡེ།། ཆོས་སྡེ་འདི་ནང་གསེར་ཞལ་ངོམ་པ་ཨེ་མ་ཧོ།།

གོང་མར་གུས་བཀུར་མཉམ་ལ་དག་སྣང་མི་ཞན་པའི།། བློ་བཟང་རིག་གསལ་མ་འོངས་བསྟན་འཛིན་མྱུ་གུ་ཚོ།། སྐལ་བཟང་མཁས་པའི་འབྱུང་གནས་གདན་ས་ཆེན་མོ་འདིར།། ལེགས་བཤད་གསེར་རྒྱན་བརྩོན་པས་སྒྲུག་པའི་ཀུན་སྤྱོད་མཚར།།

ཆོས་དབྱངས་ལྷང་ལྷང་རྣ་བའི་བདུད་རྩིར་འཇོ།། དྲི་མེད་བློ་གྲོས་འདབ་སྟོང་རྒྱས་པའི་ཞིང་།། སྐལ་བཟང་མཁས་པའི་འབྱུང་གནས་ཆོས་སྡེ་ཆེ།། ཆོས་སྡེ་རྒྱུ་སྐར་དབུས་ན་དུང་གི་ཟླ།།

མཁས་གྲུབ་འབུམ་གྱིས་ཞབས་པད་བཀོད་པའི་ཞིང་།། དགའ་ལྡན་ཆོས་ཀྱི་འདུན་སར་ཅོ་འདྲི་བ།། སྐལ་བཟང་མཁས་པའི་འབྱུང་གནས་གདན་ས་ཆེ།། ལྷང་ལྷང་ཆོས་སྒྲས་ནམ་ཡང་མཛེས་གྱུར་ཅིག།

ཚིག་སྦྱོར་སྟངས་སྟབས་སྐྱོན་མང་རླུང་གིས་འཁྱོར།། སྙིང་དོན་འབྲས་བཟང་ཚིག་གི་ཤུན་པས་གྲིབ།། བློ་བཟང་དགྱེས་འཛུམ་ཟླ་འོད་འཕྲོ་དཀའ་ཡང་།། རང་སེམས་སྟོན་ཆུར་གང་འཆར་གཟུགས་བརྙན་ལགས།།

མཁན་པོ་ཚེ་དབང་རིག་འཛིན་ནས།

See More "

16 July 2023

Add Reviews & Rate item

Your rating for this listing :

Help Us to Improve :

Location / Contacts :

Nearby Places :